ཝུའུ་དབྱིང་ཅེས་ལྷོ་བྲག་རྫོང་དུ་རྟོག་ཞིབ་གནང་།

258fab75-78e9-40fd-9b6b-cc04e5b3eec6.jpg.1.jpg

འདི་ནི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལྷོ་བྲག་གྲོང་རྡལ་ཚེ་སྨད་སྡེ་ཁུལ་གྱི་བོད་བྱ་གསོ་ཚགས་ར་བར་ཝུའུ་དབྱིང་ཅེས་འདེབས་འཛུགས་དང་གསོ་ཚགས་ཕན་ཚུན་འཁོར་རྒྱུག་གི་ཞིང་ལས་བྱེད་སྟངས་ལ་བརྟེན་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས13དང14ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེ་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོ་དང་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོ། མང་ཚོགས་ཀྱི་ཁྱིམ་བཅས་སུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མི་དམངས་ཉེན་རྟོག་པ་དང་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་གནང་སྟེ།  དམངས་ཀྱི་རེ་འདོད་གསན་པ་དང་དམངས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་།  གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པའི་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་བཏང་བ་དང་སྦྲགས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། མཐའ་དར་དམངས་ཕྱུག གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

བརྟག་ཞིབ་ལ་ཕེབས་པའི་ལམ་བར་དུ། ཝུའུ་དབྱིང་ཅེ་རླངས་འཁོར་ལ་བཞུགས་ནས་ཆུ་ཚོད་8ལྷག་ཙམ་དང་ལམ་ཐག་སྤྱི་ལེ་500ཕེབས་པ་བརྒྱུད། ལྷོ་བྲག་གྲོང་རྡལ་ཚེ་སྨད་སྡེ་ཁུལ་གྱི་བོད་བྱ་གསོ་ཚགས་ར་བར་ཕེབས་འབྱོར་བྱུང་ནས། འདེབས་འཛུགས་དང་གསོ་ཚགས་ཕན་ཚུན་འཁོར་རྒྱུག་གི་ཞིང་ལས་བྱེད་སྟངས་ལ་བརྟེན་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་པ་དང་བོད་སྐྱོར་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་གནང་བ་རེད། ཀྲུང་གོ་འབྲུ་རིགས་ཚོགས་པས་2002ལོ་ནས་བཟུང་ལྷོ་བྲག་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་རྗེས། ཐོན་ལས་བོད་སྐྱོར་འབུར་དུ་ཐོན་པ་བྱས་ནས་འཁོར་རྒྱུག་ཞིང་ལས་ཀྱི་བོད་སྐྱོར་རྣམ་གྲངས་བཙུགས་ཏེ། མ་རྐང་ནང་ཞུགས་ནས་ཁེ་སྤོགས་བགོ་བཤའ་རྒྱག་པ་དང་ལས་གནས་མཁོ་འདོན་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རྒྱབ་སྐྱོར་བྱས་པ་མཁྱེན་རྟོགས་བྱུང་རྗེས། ཝུའུ་དབྱིང་ཅེས་ཀྲུང་གོ་འབྲུ་རིགས་ཚོགས་པ་སོགས་ཀྲུང་དབྱང་ཁེ་ལས་ལ་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ། ཁ་གཏད་རོགས་སྐྱོར་བྱ་ཐབས་ལག་ལེན་གཏིང་ཟབ་བསྟར་བ་དང་། ཐོན་ལས་དབུལ་སྐྱོར་ཤུགས་ཆེན་བྱེད་པ། མང་ཚོགས་ལས་ཞུགས་རྒྱ་ཁྱབ་ཐུབ་པར་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་གནད་སྨིན་བྱེད་པ། མང་ཚོགས་དབུལ་པོའི་རང་ངོས་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

དེ་རྗེས། ཝུའུ་དབྱིང་ཅེ་ལ་རྒྱབ་ཤང་དུ་ཕེབས་ནས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ལྷོ་བྲག་རྫོང་དང་ལ་རྒྱབ་ཤང་གི་འབྲེལ་ཡོད་གནས་ཚུལ་སྙན་སེང་གསན་པ་དང་འབྲེལ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་སྙིང་གཏམ་གླེང་རེས་ཀྱང་གནང་བ་རེད། ཝུའུ་དབྱིང་ཅེས་མེས་རྒྱལ་གྱི་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཞན་ཆ་སེལ་བ། དཔལ་འབྱོར་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ཐད་ལྷོ་བྲག་རྫོང་དང་ལ་རྒྱབ་ཤང་གིས་སྤེལ་བའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་གཞི་རིམ་དུ་རྩ་བ་ཡུན་རིང་ཚུགས་པ་དང་ས་སྲུང་མཐའ་བརྟན་བྱས་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྣོད་བཅུད་ཀྱི་ལས་དོན་ཁག་ལ་དཀའ་སྤྱད་འབད་བརྩོན་བྱེད་མཁན་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་དང་ཆབས་ཅིག་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

ཝུའུ་དབྱིང་ཅེས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བོད་ཀྱི་ལས་དོན་གྱི་འཐབ་ཇུས་གལ་ཆེན་གྱི་ངེས་གནས་སྔར་ན་མེད་པའི་མཐོ་ཚད་དུ་སྤར་ནས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི་རྣམ་བཤད་གལ་ཆེན་བཏོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ་དང་ཆབས་ཅིག་གསུང་བཤད་གལ་ཆེན་ཡང་གནང་ནས། དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་དགོངས་པ་དང་དམིགས་ཚད་ལས་འགན་གསལ་སྟོན་གནང་བ་དང་། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་བཏོན་གནང་བ། སྐུ་ངོ་མས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ལ་འཕྲིན་ལན་སྤྲིངས་པ་བཅས་ཀྱི་ཐོག་ནས་ང་ཚོས་ལས་དོན་ཁག་ལེགས་པར་སྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་ཚོད་དང་ངར་ཤུགས་འཕེལ་བར་སྐུལ་མ་ཡང་ཐེབས་ཡོད།

གཅིག་ནས་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པར་ཤུགས་སྣོན་རྒྱག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས། དེ་བས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་། སེམས་གཏིང་ནས་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། སྲུང་སྐྱོབ་བཅས་བྱས་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས། རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་གི་འགྱུར་ལྡོག་ཧ་ཅང་ཆེན་པོ་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱས་ཚེ། གཞི་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་པ་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱེད་དགོས་པ་དང་འབྲེལ། སེམས་པ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་དང་དམ་པོར་འབྲེལ་བ་དང་། མི་རིགས་ཁག་དང་མཉམ་དུ་མཐུན་སྒྲིལ་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

གཉིས་ནས་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་བཅངས་ནས་ལས་དོན་ཁག་ཡག་པོ་སྒྲུབ་དགོས། སེམས་ནུས་གཅིག་སྒྲིལ་དང་ཕྱོགས་བསྡུས་ཇུས་འདོན་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མཐའ་མཚམས་གྲོང་མི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། མཐའ་མཚམས་འཕེལ་རྒྱས་མགྱོགས་སུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་མཐའ་མཚམས་ཀྱི་སྲ་བརྟན་དང་བདེ་འཇགས་འགན་ལེན་བྱེད་དགོས། མང་ཚོགས་གཉེན་ཉེར་བརྩི་བ་དང་མང་ཚོགས་ཀྱི་དོན་དག་རང་ཉིད་ཀྱི་དོན་དག་ལ་བརྩིས་ནས་སྒྲུབ་པ་དང་། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་དང་། མང་ཚོགས་ཀྱིས་སེམས་ཁྲལ་ཆེ་ཤོས་དང་རེ་སྒུག་ཆེ་ཤོས་བྱེད་པའི་དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་གཅོད་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

གསུམ་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་སྲུང་སྐྱོང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་སྐྲུན་པ་དམ་འཛིན་བྱ་གཞིར་བྱས་ཏེ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། ཧྲུའུ་ཅི་དང་པོ། གྲོང་སྡོད་ལས་དོན་རུ་ཁག་བཅས་ཀྱི་ནུས་པ་འདོན་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ཞབས་འདེགས་དང་། འཕེལ་རྒྱས། བརྟན་ལྷིང་། སྣོད་བཅུད་བཅས་ལས་དོན་ཁག་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ལས་དོན་ཁག་ཡག་པོ་སྒྲུབ་ཆེད། རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།

བཞི་ནས་སྲིད་གཞུང་གིས་ཟ་མཁས་འཐུང་མཁས་དང་མང་ཚོགས་ཀྱིས་འཚོ་བ་ཡག་པོ་སྐྱེལ་བའི་བསམ་བློ་བརྟན་དུ་གཏོང་དགོས། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། སྤྱོད་གོ་ཆོད་པ་དང་། འདང་ངེས་སྤྱོད་ཐུབ་པ། སྤྱོད་ཤེད་ཆེ་བ་བཅས་མཐའ་འཁྱོངས་བྱེད་པ་དང་། གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད། གྲོན་ཆུང་སྔོན་འཇོག་བཅས་མཐའ་འཁྱོངས། ཁ་ཐང་བའི་མ་དངུལ་གནད་འཁེལ་སར་སྤྱོད་པ་དང་ཕན་འབྲས་ཆེན་པོ་ཐོན་པའི་འགན་ལེན། དོན་དངོས་ཡག་པོ་སྒྲུབ་པ་དང་བྱ་བཟང་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་མང་ཚོགས་བློ་ཡིད་ཚིམ་པར་བྱེད་དགོས།

ལྔ་ནས་རྒྱ་ཆེའི་ལས་བྱེད་པར་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པའི་སྐུལ་ལྕག་བྱེད་དགོས། ལས་བྱེད་པའི་འགན་འཁུར་ལས་སྒྲུབ་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ལས་བྱེད་པར་རང་འགན་གཙང་སྒྲུབ་དང་འགན་འཁུར་བྱས་རྗེས་བཞག་ནས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཏང་ནན་པོས་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་སྔར་བས་གཏོད་དགོས་པའི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།